跳到内容
当前位置:首页>工作报告>《政府工作报告》名词解释(汉藏双语版)

《政府工作报告》名词解释(汉藏双语版)

  • 2026-11-14 09:23:20
《政府工作报告》名词解释(汉藏双语版)

政府工作报告》名词解释

༄༅། །སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཁྲོད་ཀྱི་མིང་ཚིག་འགྲེལ་པ།

01

1.两重:国家重大战略实施和重点领域安全能力建设。

༡.གཙོ་གལ་གཉིས་ཏེ།  རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱེད་པ།

02

2.两新:大规模设备更新和消费品以旧换

༢.གསར་པ་གཉིས་ནི། སྒྲིག་ཆས་གཞི་ཁྱོན་ཆེན་པོས་གསར་པ་བརྗེ་བ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པ།

03

3.三区三线:根据城镇空间、农业空间、生态空间三种类型的空间,分别对应划定的城镇开发边界、永久基本农田保护红线、生态保护红线三条控制线。

༣.ཁུལ་གསུམ་ཐིག་གསུམ་ནི། གྲོང་ཁྱེར་དང་གྲོང་རྡལ་གྱི་བར་མཐོངས་དང་། ཞིང་ལས་ཀྱི་བར་མཐོངས། སྐྱེ་ཁམས་ཀྱི་བར་མཐོངས་བཅས་བར་མཐོངས་རིགས་གསུམ་དང་། གཏན་འཁེལ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་མཚམས་དང་། ཡུན་གནས་ཀྱི་གཞི་རྩའི་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བཅས་ཚོད་འཛིན་ཐིག་རིས་གསུམ་ལ་ཟེར།

04

4.消费品工业“三品”:增品种、提品质、创品牌。

༤.འཛད་རྫས་བཟོ་ལས་ཀྱི“ཐོན་རྫས་གསུམ”གྱི་འཐབ་ཇུས་ཞེས་པ་ནི། ཐོན་རྫས་སྣ་རིགས་མང་དུ་གཏོང་བ་དང་། སྤུས་ཀ་ལེགས་སུ་གཏོང་བ། ཐོན་རྫས་གྲགས་ཅན་གཏོད་པར་ཟེར།

05

5.DIP医保支付:按病种分值付费的医保支付方式,旨在替代传统“按项目付费”,提升医保基金使用效率。

༥.DIPསྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཅེས་པ་ནི། ནད་རིགས་ཀྱི་སྐར་གྲངས་ལྟར་དངུལ་སྤྲོད་པའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ཞེས་པ་ནི་སྲོལ་རྒྱུན་གྱི“རྣམ་གྲངས་ལྟར་གྲོན་དངུལ་སྤྲོད་པའི”ཚབ་བྱས་ནས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྤྱོད་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།

06

6.四条标准:政治上靠得住、宗教上有造诣、品德上能服众、关键时起作用。

༦.ཚད་གཞི་བཞི་ནི། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཐད་མང་ཚོགས་ཀྱིས་ཁས་ལེན་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཡིན།

07

7.“三个意识”教育:国家意识、公民意识、法治意识教育。

༧.“འདུ་ཤེས་གསུམ”སློབ་གསོ་ནི། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་ཡིན།

08

8.五个关键阶段:维护稳定进入主动创安、主动创稳的关键阶段,高质量发展进入能级跃升、动能转换的关键阶段,城市发展进入内涵提升、精细治理的关键阶段,民生改善进入普惠提质、共富共进的关键阶段,生态保护进入系统施治、绿色转型的关键阶段。

༨.འགག་རྩའི་དུས་མཚམས་ལྔ་ཞེས་པ་ནི། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་རང་འགུལ་ངང་ཞི་བདེ་གཏོད་པ་དང་རང་འགུལ་ངང་བརྟན་ལྷིང་ཡོང་བ་བྱེད་པའི་འགག་རྩའི་དུས་མཚམས། སྤུས་ཚད་མཐོ་བའི་གོང་འཕེལ་དེ་ནུས་རིམ་མཐོར་འདེགས་དང་སྒུལ་ནུས་ཕྱོགས་སྒྱུར་བྱེད་པའི་འགག་རྩའི་དུས་མཚམས། གྲོང་ཁྱེར་གོང་འཕེལ་གཏོང་རྒྱུ་དེ་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་བཅོས་སྐྱོང་ཞིབ་ཚགས་སུ་གཏོང་བའི་འགག་རྩའི་དུས་མཚམས། དམངས་འཚོ་ལེགས་བཅོས་བྱ་རྒྱུ་དེ་ཀུན་ཕན་མཐོར་འདེགས་དང་ཕྱུག་འགྱུར་མཉམ་འཕེལ་བྱེད་པའི་འགག་རྩའི་དུས་མཚམས། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་རྒྱུད་ཁོངས་ཧྲིལ་པོའི་བཅོས་སྐྱོང་དང་འབྱུང་འཕྲོད་ཕྱོགས་སྒྱུར་བྱེད་པའི་འགག་རྩའི་དུས་མཚམས་བཅས་ལྔའོ།།

09

9.八个表率:忠诚看齐、坚决执行的表率;主动创安、主动创稳的表率;聚力转型、激活动能的表率;精雕细琢、精细治理的表率;为民造福、增进福祉的表率;生态优先、绿色发展的表率;双拥共建、服务强边的表率;求真务实、真抓实干的表率。

༩.མིག་དཔེ་བརྒྱད་ནི། ལྷག་བསམ་རྣམ་དག་གིས་མིག་ལྟོས་དང་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱེད་པའི་མིག་དཔེ། རང་འགུལ་ངང་ཞི་མཐུན་གསར་གཏོད་དང་རང་འགུལ་ངང་བརྟན་ལྷིང་གསར་གཏོད་ཀྱི་མིག་དཔེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རིགས་སྒྱུར་དང་ནུས་པ་སྐུལ་སྤེལ་གྱི་མིག་དཔེ། ཞིབ་ཆར་མཐོང་ཆེན་གྱིས་བློ་ཐབས་མཁས་པོས་བཅོས་སྐྱོང་བྱེད་པའི་མིག་དཔེ། དམངས་ལ་བདེ་སྐྱིད་སྐྲུན་པ་དང་བདེ་རྩ་འཕེལ་བར་བྱེད་པའི་མིག་དཔེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་གོང་འཕེལ་གཏོང་བའི་མིག་དཔེ། གཉིས་བཀུར་མཉམ་སྐྲུན་དང་མཐའ་མཚམས་སྟོབས་ཆེར་གཏོང་བར་ཞབས་འདེགས་ཞུ་བའི་མིག་དཔེ། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་གྱི་མིག་དཔེ།

10

10.十大工程:凝心铸魂工程、强基善治工程、石榴同心工程、创新寺庙管理工程、产业增效工程、内需挖潜工程、科技赋能工程、民生提质工程、生态综合治理工程、党建领航工程。

༡༠.ལས་གཞི་ཆེན་པོ་བཅུ་ནི། བློ་སྒྲིལ་སེམས་སྐྱེད་ལས་གཞི་དང་། རྨང་བརྟན་བཅོས་མཁས་ཀྱི་ལས་གཞི། སེ་འབྲུ་སེམས་མཐུན་གྱི་ལས་གཞི། དགོན་སྡེ་དོ་དམ་གསར་གཏོད་ཀྱི་ལས་གཞི། ནང་མཁོའི་གཏིང་ཤུགས་སྔོག་འདོན་ལས་གཞི། ཐོན་ལས་ཀྱི་ཕན་འབྲས་ཆེར་གཏོང་ལས་གཞི། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་ལས་གཞི། དམངས་འཚོའི་སྤུས་ཚད་ལེགས་གཏོང་ལས་གཞི། སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི།  ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱེད་པའི་ལས་གཞི།

11

11.十项行动:安全治本攻坚行动、产业园区焕新行动、老旧小区改造行动、完整社区共建行动、市容环境巩固行动、智慧治理升级行动、物业服务提升行动、美丽乡村建设行动、爱心拉萨结对帮扶行动、环保设施补短行动。

༡༡.བྱ་སྤྱོད་ཁག་བཅུ་ནི། རྒྱུན་རྣམ་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་དང་། ཐོན་ལས་གླིང་གི་གསོན་ཤུགས་གསར་པ་རྒྱས་པའི་བྱ་སྤྱོད། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱ་སྤྱོད། སྡེ་ཁུལ་ཧྲིལ་པོ་མཉམ་སྐྲུན་བྱ་སྤྱོད། གྲོང་ཁྱེར་གྱི་ཁོར་ཡུག་སྲ་བརྟན་དུ་གཏོང་བའི་བྱ་སྤྱོད། རིག་ལྡན་བཅོས་སྒྲིག་རིམ་སྤོར་བྱ་སྤྱོད། སྡེ་ལས་ཞབས་ཞུ་མཐོར་གཏོང་བྱ་སྤྱོད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད། བྱམས་ལྡན་ལྷ་སའི་རོགས་རེས་བྱ་སྤྱོད། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་ཞན་ཆ་གསབ་པའི་བྱ་སྤྱོད་བཅས་སོ།།

12

12.五个拉萨:高水平安全的和谐拉萨、高质量发展的活力拉萨、高效能治理的宜居拉萨、高品质生活的幸福拉萨、高价值生态的美丽拉萨。

༡༢.ལྔ་ལྡན་ལྷ་ས་ཞེས་པ་ནི། བདེ་འཇགས་ལྡན་ཚད་མཐོ་བའི་ཞི་མཐུན་ལྷ་ས། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་གསོན་ཤུགས་རྒྱས་པའི་ལྷ་ས། བཅོས་སྐྱོང་ནུས་ཕྱོད་ཆེ་བའི་གནས་འཕྲོད་ལྷ་ས། འཚོ་བའི་སྤུས་ཚད་མཐོ་བའི་བདེ་སྐྱིད་ལྡན་པའི་ལྷ་ས། སྐྱེ་ཁམས་ཀྱི་རིན་ཐང་ཆེ་བའི་མཛེས་སྡུག་ལྡན་པའི་ལྷ་ས་བཅས་ལྔའོ།།

13

13.三环八圈:“三环”是古城环游、拉北环线、纳木错环湖旅游线路,“八圈”是 8 县(区)县域旅游圈。

༡༣.གདུབ་སྐོར་གསུམ་དང་འཁོར་རྒྱ་བརྒྱད།  “གདུབ་སྐོར་གསུམ”ནི་གྲོང་ཁུལ་རྙིང་པར་སྐོར་བ་རྒྱག་པའི་ཡུལ་སྐོར་དང་། ལྷ་སའི་བྱང་ཕྱོགས་གྱི་སྐོར་ལམ།  གནམ་མཚོར་སྐོར་བ་རྒྱག་པའི་ཡུལ་སྐོར་ལམ་ཐིག་བཅས་གསུམ་དང་། “འཁོར་རྒྱ་བརྒྱད”ནི་རྫོང་(ཆུད)བརྒྱད་ཀྱི་རྫོང་ཁོངས་ཡུལ་སྐོར་འཁོར་རྒྱ་དེ་དག་ཡིན།

14

14:三大运营商:中国移动、中国电信、中国联通。

༡༤.གཉེར་སྐྱོང་ཚོང་དུད་ཆེན་པོ་གསུམ་ནི། ཀྲུང་གོའི་འགུལ་འཕྲིན་དང་། ཀྲུང་གོའི་གློག་འཕྲིན། ཀྲུང་གོའི་འབྲེལ་འཕྲིན།

15

15:名优“大单品”:品质优良、品牌知名、特色鲜明的核心拳头产品。

༡༥.གྲགས་ཅན་སྤུས་ལེགས་ཀྱི“ཐོན་རྫས་ཆེན་པོ”ཞེས་པ་ནི། སྤུས་ཀ་དག་པ་དང་། ཚོང་རྟགས་སྐད་གྲགས་ཆེ་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་ཐོན་རྫས།

16

16.格桑花行动:自治区涉企优惠政策,涉及企业上市等七个方面71条政策。

༡༦.སྐལ་བཟང་མེ་ཏོག་བྱ་སྤྱོད། རང་སྐྱོང་ལྗོངས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཟིགས་སྐྱོང་སྲིད་ཇུས་དང་། ཁེ་ལས་ཁྲོམ་ཞུགས་དང་འབྲེལ་བ་ཡོད་པ་སོགས་ཁག་བདུན་ཐད་ཀྱི་སྲིད་ཇུས་71ལ་ཟེར།

17

17.一核引领、三极驱动、四县协同、多点联动:一核引领即加快提升以城关区、经开区、高新区、文创园区、八廓古城为核心的中心城区发展能级,三极驱动即把堆龙德庆区、达孜区、墨竹工卡县打造成全市经济新的增长极,四县协同即特色化打造林周县、曲水县、当雄县、尼木县,多点联动即推动纳木湖镇、才纳镇、甲玛镇等一批重点乡镇差异化发展。

༡༧.ལྟེ་བ་གཅིག་གིས་སྣེ་ཁྲིད་དང་། སྣེ་གསུམ་གྱིས་སྐུལ་སྤེལ། རྫོང་བཞི་མཐུན་སྦྱོར། གནས་མང་མཉམ་འགུལ་ཞེས་པ་ནི། ཁྲེང་ཀོན་ཆུད་དང་དཔལ་འབྱོར་གསར་སྤེལ་ཁུལ། མཐོ་གསར་ཁུལ། རིག་གནས་བློ་གསར་གླིང་། བར་སྐོར་གྲོང་ཁུལ་རྙིང་པ་བཅས་ལྟེ་བར་བྱེད་པའི་ལྟེ་གནས་གྲོང་ཁུལ་གོང་འཕེལ་ནུས་པ་ཆེ་རུ་མགྱོགས་པོ་གཏོང་བ་དང་། སྟོད་ལུང་བདེ་ཆེན་ཆུད་དང་སྟག་རྩེ་ཆུས། མལ་གྲོ་གུང་དཀར་རྫོང་བཅས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕར་སྣེ་གསར་པ་ཞིག་ཏུ་འགྱུར་བ་བྱེད་པ། ལྷུན་གྲུབ་རྫོང་དང་ཆུ་ཤུར་རྫོང་། འདམ་གཞུང་རྫོང་། སྙེ་མོ་རྫོང་བཅས་ཁྱད་ལྡན་ཅན་དུ་གཏོད་པ། གནམ་མཚོ་གྲོང་རྡལ་དང་། ཚལ་སྣེ་གྲོང་རྡལ། རྒྱ་མ་གྲོང་རྡལ་སོགས་གཙོ་གནད་ཤང་དང་གྲོང་རྡལ་ཁག་གཅིག་གི་ཁྱད་པར་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཡིན།

18

18.六张网:水网、新型电网、算力网、新一代通信网、城市地下管网、物流网。

༡༨. དྲ་བ་དྲུག་ནི། ཆུའི་དྲ་བ་དང་། གློག་གི་དྲ་བ་གསར་པ། རྩིས་ནུས་དྲ་བ། འཕྲིན་གཏོང་དྲ་བ་རབས་གསར་པ། གྲོང་ཁྱེར་གྱི་ས་འོག་སྦུག་དྲ། ཟོག་འདྲེན་དྲ་བ་བཅས་སོ། །

19

19.“平急两用”公共基础设施:在公共基础设施建设中,将平时使用和应急使用有机结合,打造一个既具备日常运营功能,又具备应急响应能力的基础设施系统。

༡༩.“རྒྱུན་འཕྲལ་ཉིས་སྤྱོད”ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཅེས་པ་ནི། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་རྒྱུན་དུ་བེད་སྤྱོད་དང་འཕྲལ་མཁོའི་བེད་སྤྱོད་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱུན་གཏན་གྱི་གཉེར་སྐྱོང་ནུས་པ་ལྡན་ལ་འཕྲལ་མཁོའི་སྐབས་བསྟུན་ནུས་པ་ལྡན་པའི་རྨང་གཞིའི་སྒྲིག་བཀོད་མ་ལག་ཅིག་གཏོད་རྒྱུ་དེ་ཡིན།

20

20.一委一办一平台:拉萨规划建设委员会、拉萨规划建设委员会办公室、城市运行管理服务平台。

༢༠.ཨུ་ལྷན་གཅིག་དང་གཞུང་ལས་ཁང་གཅིག ལས་སྟེགས་གཅིག་བཅས་ནི། ལྷ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་། ལྷ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། གྲོང་ཁྱེར་འཁོར་སྐྱོད་དོ་དམ་ཞབས་ཞུའི་ལས་སྟེགས།

21

21.堆龙“三路三桥”:堆龙德庆区滨河南路、打董路、拉青东路3条市政道路以及桑木大桥、西货站上跨铁路桥、乃加桥3座桥梁工程。

༢༡.སྟོད་ལུང་གི“ལམ་གསུམ་ཟམ་གསུམ”ནི། སྟོད་ལུང་བདེ་ཆེན་ཆུད་གཙང་འགྲམ་ལམ་ལྷོ་མ་དང་། སྟར་སྡོང་ལམ། ལྷ་མཚོ་ལམ་ཤར་མ་བཅས་གྲོང་ཁྱེར་གྱི་གཞུང་ལམ་གསུམ་དང་། བཟང་མོ་ཟམ་ཆེན། ཟོག་འདྲེན་བབས་ཚུགས་ཤར་མའི་ལྕགས་ལམ་བརྒལ་བའི་ཟམ་པ། གནས་སྦྱར་ཟམ་པ་བཅས་གསུམ་གྱི་ལས་གྲྭ།

22

22.四好农村路:建好、管好、护好、运营好农村公路。

༢༢.གྲོང་གསེབ་གཞུང་ལམ་གྱི་ཡག་པོ་བཞི་ནི། འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱེད་པའི་གྲོང་གསེབ་གཞུང་ལམ།

23

23.三项债:地方政府专项债、一般债和超长期特别国债。

༢༣.བུ་ལོན་ཁག་གསུམ་ནི། ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་ལོན་དང་། སྤྱིར་བཏང་གི་བུ་ལོན། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་གྱི་རྒྱལ་བུན་བཅས་སོ། །

24

24.农村集体“三资”:资金、资产、资源。

༢༤.གྲོང་གསེབ་ཀྱི་ཐུན་མོང་གི“ནོར་གསུམ”ནི། མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་ཡིན།

25

25.宅基地“三权分置”改革:落实宅基地集体所有权,保障宅基地农户资格权和农民房屋财产权,适度放活宅基地和农民房屋使用权。

༢༥.ཁང་སའི“དབང་གསུམ་ལོགས་འཛུགས”ཀྱི་སྒྱུར་བཅོས་ནི། ཁང་སའི་ཐུན་མོང་གི་བདག་དབང་དོན་འཁྱོལ་དང་། ཁང་སའི་ཞིང་དུད་ཀྱི་ཐོབ་ཐང་དབང་ཆ་དང་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་འགན་སྲུང་། ཁང་ས་དང་ཞིང་པའི་སྡོད་ཁང་སྤྱོད་དབང་འོས་འཚམ་ལྷུག་ཏུ་གཏོང་བ་བཅས་ལ་ཟེར།

26

26.千万工程:“千村示范、万村整治”工程。

༢༦.ཁྲི་སྟོང་ལས་གཞི་ཞེས་པ་ནི། “གྲོང་ཚོ་སྟོང་གི་དཔེ་སྟོན་དང་། གྲོང་ཚོ་ཁྲིར་བཅོས་སྒྲིག”བྱེད་པའི་ལས་གཞིར་ཟེར།

27

27.三个赋予一个有利于:坚持所有发展都要赋予民族团结进步的意义,都要赋予维护统一、反对分裂的意义,都要赋予改善民生、凝聚人心的意义,都要有利于提升各族群众获得感、幸福感、安全感。

༢༧.ལྡན་དགོས་པ་གསུམ་དང་ཕན་ཐོགས་ཡོད་དགོས་པ་གཅིག་ནི། གོང་འཕེལ་གཏོང་རིགས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་དགོས་པ་བཅས་ཡིན།

28

28.社区微业:以微就业、微组织、微技能、微服务为关键环节,构建“四微一体”工作体系。

༢༨.སྡེ་ཁུལ་གྱི་ལས་རིགས་ཆུང་གྲས་ཞེས་པ་ནི། ལས་ཞུགས་ཆུང་གྲས་དང་། རྩ་འཛུགས་ཆུང་གྲས། རྩལ་ནུས་ཆུང་གྲས། ཞབས་ཞུ་ཆུང་གྲས་བཅས་འགག་རྩའི་ལྷུ་ཚིགས་སུ་བྱས་ནས“ཕྲན་བཞི་གཞི་གཅིག”གི་ལས་ཀའི་མ་ལག་འཛུགས་པར་ཟེར།

29

29.三医:医疗、医保、医药。

༢༩.སྨན་གསུམ་ནི། སྨན་བཅོས་དང་། སྨན་བཅོས་འགན་བཅོལ།  སྨན་རྫས།

30

30.新时代“枫桥经验”:小事不出村、大事不出镇、矛盾不上交。

༣༠.དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”ཞེས་པ་ནི། དོན་ཆུང་གྲོང་ཚོ་ནས་མི་ཐོན་པ་དང་། དོན་ཆེན་གྲོང་རྡལ་ནས་མི་ཐོན་པ། འགལ་ཟླ་གོང་དུ་རྩིས་མི་སྤྲོད་པ།

31

31.五个法治化:预防法治化、受理法治化、办理法治化、监督追责法治化、维护秩序法治化。

༣༡.ཁྲིམས་སྐྱོང་ཅན་ལྔ་ནི། སྔོན་འགོག་ཁྲིམས་སྐྱོང་ཅན་དང་། བདག་སྤྲོད་ཁྲིམས་སྐྱོང་ཅན། སྒྲུབ་གཉེར་ཁྲིམས་སྐྱོང་ཅན། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ཁྲིམས་སྐྱོང་ཅན། སྒྲིག་སྲུང་ཁྲིམས་སྐྱོང་ཅན་བཅས་ལ་ཟེར།

32

32.四下基层:宣传党的路线、方针、政策下基层,调查研究下基层,信访接待下基层,现场办公下基层。

༣༢.གཞི་རིམ་དུ་སྤེལ་བ་བཞི་ནི། ཏང་གི་ལམ་ཕྱོགས་དང་མཛད་ཇུས་སྲིད་ཇུས་རྣམས་གཞི་རིམ་དུ་དྲིལ་བསྒྲགས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་་བྱ་རྒྱུ་དེ་གཞི་རིམ་དུ་སྤེལ་བ། ཞུ་བཅར་སྣེ་ལེན་བྱ་རྒྱུ་དེ་གཞི་རིམ་དུ་སྤེལ་བ། ས་གནས་ས་ཐོག་ཏུ་གཞུང་ལས་བསྒྲུབ་རྒྱུ་དེ་གཞི་རིམ་དུ་སྤེལ་བ་བཅས་ཡིན།

来源:拉萨市藏语委办
微信咨询 微信客服二维码微信扫一扫 · 添加人工客服 QQ QQ咨询 QQ咨询二维码QQ扫一扫 · 添加人工客服 帮助手册